仅用于营销枢纽云系统实施过程中的预览与测试,正式运营之前,请绑定私有独立域名。 注册域名

仅用于营销枢纽云系统实施过程中的预览与测试,正式运营之前,请绑定私有独立域名。 注册域名

༄༅།། ཧོར་སྐོར་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་།
和科寺讲修兴旺洲

ཧོར་སྐོར་དགོན་པ།

发布日期:2023-09-14 10:25:24   浏览量 :245
发布日期:2023-09-14 10:25:24  
245

ཧོར་སྐོར་དགོན་པའི་མིང་ཆ་ཚང་ལ་ཧོར་སྐོར་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་ཟེར་ཞིང་། བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བའི་དགོན་པ་ཡིན། རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་ཐང་དཀར་མ་སྡེ་བའི་ཤར་ཕྱོགས་སུ་སྤྱི་ལེ༡གི་མཚམས་སུ་ཆགས་ཡོད་པ་དང་།རྨ་སྟོད་རྫོང་མཁར་དང་བར་ཐག་སྤྱི་ལེ༡༤༨ཡོད།

སྤྱི་ལོ༡༨༣༣ལོར་ཨ་སྐྱབས་ཚུལ་ཁྲིམས་ཀྱིས་ཕྱག་འདེབས་མཛད་པ་དང་། ༡༩༡༣

ལོར་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རྒྱ་བསྐྱེད་མཛད། ཁོང་གིས་གཙོ་སྐྱོང་གི་འོག་ནས་ཧོར་སྐོར་དགོན་གྱི་འདུ་ཁང་ཆེན་མོ་དང་ལྷ་ཁང་སོ་སོ། ཆོས་གྲྭ་དང་གྲྭ་ཤག་དག་སླར་གསོ་མཛད། ལོ་རྒྱུས་སྟེང་དགོན་པར་བླ་སྤྲུལ༡༠དང་། དགེ་འདུན་པ༢༠༠ལྷག་བཞུགས་མྱོང་ལ།ད་ལྟ་བླ་སྤྲུལ༡དང་།དགེ་འདུན་པ༡༨༧བཞུགས་ཡོད། དགོན་བདག་བླ་མ་ནི་བླ་མ་ལེགས་དཔལ་བཟང་བོ་ཚང་ཡིན། ལྷ་སྡེ་གཙོ་བོ་ནི་རྨ་སྟོད་རྫོང་གི་རྨ་ཆུ་ཡུལ་ཚོའི་ཐང་དཀར་མ་སྡེ་བ།སྤེན་མ་ན་སྡེ་བ། དུག་གཞུང་སྡེ་བ་བཅས་སུ་ཁྱབ་ཡོད་ཅིང་།  དད་ལྡན་མང་ཚོགས་ཧ་ལམ་མི་གྲངས༦༥༠༠ཡོད། 

དགོན་པའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི༢༤.༨༩དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི༥.༨༩ཡོད། ལྷ་ཁང་གཙོ་བོར་ཚོགས་ཆེན་ལྷ་ཁང་ཆེ་ཆུང་གཉིས།བཤད་གྲྭའི་ལྷ་ཁང་ཆེན་མོ། ཟངས་མདོག་དཔལ་རིའི་ལྷ་ཁང་བཅས་ཡོད།རྟེན་གྱི་གཙོ་བོར་ཙན་དན་གྱི་སྒྲོལ་མའི་སྐུ།རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གཏེར་ནས་བླངས་པའི་ཆུ་འགོ།བླ་མ་ཨུར་མཆོག་གི་དྲིལ་བུ་སོགས་བཞུགས་ཡོད། སྲོལ་རྒྱུན་གྱི་ཆོས་ཐོག་གཙོ་བོར་ཟླ༤བ་ལ་ས་ག་ཟླ་བ།བོད་ཟླ༥བ་ལ་གླང་ཟླའི་བཞི་རྒྱལ།

ཟླ༧པ་ལ་དབྱར་གནས།  བོད་ཟླ༨པ་ལ་མ་ཎི་ཞག་བརྒྱ། བོད་ཟླ༡༠བ་ལ་འོད་མཚན་སོགས་ཡོད།

༢༠༡༦ལོར་ཀྲུང་གུང་མགོ་ལོག་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གཉིས་ཀྱིས་འཆམ་མཐུན་དགོན་སྡེའི་གཟི་བརྗིད་གནང་།༢༠༡༥ལོ་དང་༢༠༡༧ལོར་མགོ་ལོག་ཁུལ་བདེ་འཇགས་དགོན་སྡེའི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གིས་སྔོན་ཐོན་ཚོགས་སྤྱིའི་གཟི་བརྗིད་མཚན་སྙན་གནང་། ༡༠༡༩ལོར་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གཉིས་ཀྱིས་འཆམ་མཐུན་དགོན་སྡེའི་གཟི་བརྗིད་མཚན་སྙན་གནང་བ་སོགས་ཡོད།





下一篇 : 和科寺略传
Copyright © 2023 longshijiasi.cn All Rights Reserved.
青公安网备 63262302000002号
青ICP备19000774号-1
Copyright © 2021 longshijiasi.cn All Rights Reserved.

青公安网备 63262302000002号
青ICP备19000774号-1
支持 反馈 订阅 数据